སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ འི་ཡང་སྲིད་ཀྱི་སྐུ་པར།
སྙིང་བརྩེའི་མགོན་ཁྱེད་དཀར་གསལ་ ཟླ་བ་བཞིན།།
རེ་ཞིག་དགུང་ལ་གཤེགས་ཀྱང་ཕྱིར་ ལ་གཟིགས།།
བགྲེས་པའི་སྐུ་དེ་གཞོན་པའི་གཟུ གས་སུ་བསྒྱུར།།
སྐྱབས་མེད་བུ་ལ་ཐུགས་རྗེས་འོད་ སྣང་འགྱེད།།
མུན་པའི་ཀློང་དུ་དགྱེས་པའི་ཞལ་ སྐྱིན་བལྟམས།།
རེ་བའི་སེམས་ལ་སྙིང་གི་དྲོད་རྟ གས་བསྩལ།།
མཚར་སྡུག་རྨད་བྱུང་སོར་མོས་བཞེ ངས་དཀའ་བ།།
དཀའ་དྲིན་གཞལ་མེད་སྙིང་གི་ཁམས་ སུ་འཆེད།།
དྲན་པ་ཡིས་ཀྱང་སྙིང་ལ་དགའ་སྟེར་ བའི།།
སྐྱབས་མཆོག་ཁྱེད་དང་མཇལ་བའི་རེ་ བ་མོད།།
དེ་ལྟ་ན་ཡང་ལས་སྨོན་སྣ་ཚོགས་མཐུ ས།།
ཕན་ཚུན་ཡུལ་དང་ཡུལ་གྱིས་བཅད་དེ་ ལུས།།
སྔར་བསགས་ལས་ཀྱི་རྣམ་སྨིན་ཡིན་ ནམ་ཅི།།
ཁྱེད་ཉིད་ནུབ་ཏེ་ཟླ་གཞོན་གསར་ པའི་མདངས།།
དངོས་མཇལ་བསྐལ་བཟང་དུས་ཤིག་མི་ ལྡན་པར།།
མ་ངེས་ཡུལ་ནས་བརྙན་རིས་ཙམ་ཞིག་ མཇལ།།
སྐུ་པར་མཇལ་བས་དགའ་སྤྲོས་གཏམ་ན་ ཡང་།།
ཡུན་རིང་སྙིང་ལ་བརྩེགས་པའི་དད་ པ་ཡིས།།
བུ་སློབ་དངོས་མཇལ་མེད་པའི་བར་ ཐག་ན།།
སྐྱོ་དང་གདུང་བའི་སེམས་ལ་རྦ་རླ བས་འཕྱོ།།
ས་མཐའི་ལས་དབང་གནས་ཚང་ཙམ་ཞིག་སྣ ང་།།
གཞོན་པའི་ལང་ཚོ་དབང་དང་ཐོབ་ཀྱི ས་བཙུར།།
སྐྱིད་སྡུག་གོ་ལྡོག་གདུགས་གཤེད་ འཚུབ་མ་འདི།།
སྙིང་མེད་ཤེས་ཀྱང་སྐབས་རེར་སྡུ ག་རེ་བསྔལ།།
མགོན་ཁྱེད་བཀའ་ཡི་ཐ་ཚིག་རེ་རེ་ ལ།།
སངས་རྒྱས་སྟོང་གི་ཞམ་གདམས་གྲངས་ མང་བས།།
བསམ་མེད་ཤེས་མེད་དྲང་སྙོམས་བོར་ ས་ནས།།
བུ་ཡི་ཕ་ལ་འབོད་པའི་གསོལ་འདེབས་ མོད།།
འཁོར་བའི་ཞེན་ཐག་སེམས་དང་ལུས་ལ་ ཐིམ།།
ལེགས་ཉེས་བླང་དོར་རྨོངས་པའི་སྦུ བས་སུ་ཚུད།།
ཨ་འཐས་ཞེན་ཆགས་བརྒོད་པ་བདག་འདྲ་ རྣམས།།
ནམ་ཞིག་འཁོར་བའི་འདམ་ལས་དྲངས་ བར་མཛོད།།
བདེན་དོན་གནད་ལ་ཐུགས་བརྩེ་ཞུམ་ མེད་ཀྱིས།།
ས་མཐའི་ཡུལ་ཏུ་བསྟན་པའི་སྒྲོན་ མེ་སྦར།།
མེས་པོའི་ཕ་ཆོས་འཛལ་བུའི་གླིང་ དུ་སྤེལ།།
བརྩེ་བ་ཕྱོགས་མེད་བྱམས་མགོན་ཉི ད་དུ་གྲགས།།
འགྲོ་བ་ཡོངས་ལ་ཐུགས་རྗེ་གཏེར་ཆེ ན་བསྩལ།།
ཐུགས་བསྐྱེད་བརྩེ་འདང་སྐྱེ་བོའི ་མཛོད་དུ་མཆིས།།
མགོན་མེད་སེམས་ཅན་ཐར་བའི་ལམ་དུ་ དྲངས།།
འཇིག་རྟེན་མགོན་ཁྱེད་མྱུར་དུ་ མཇལ་བར་སྨོན།།
ད་དུས་སྙིགས་མ་ཆེས་ཆེར་བདོ་བའི་ དབུས།།
བྱམས་ཆེན་མྱུ་གུ་མདོ་ཁམས་སྒང་དྲུ ག་ཏུ།།
རྩོད་མེད་འཁྲུངས་ཏེ་སླད་མར་སྐུ་ ཕྲེང་རྒྱུན།།
ཟམ་མ་ཆད་པར་བྱོན་ལ་གསོལ་བ་འདེ བས།།
ཐབས་ཤེས་ཟུང་གིས་བདག་འདྲས་གདུང་ འབོད་ལ།།
གཟིགས་རྒྱང་མཁའ་དང་དབྱིངས་ཀྱིས་ དཔེ་མེད་པར།།
ཉིན་དང་མཚན་དུ་གཡེལ་བ་མི་མངའ་ བར།།
ཉིད་ཀྱི་རླབས་ཆེན་ཐུགས་རྗེ་མ་ཆུ ང་མཛོད།།
དུས་སྙིགས་རྒུད་ཚོགས་རྦ་ཀློང་ལྟ ར་མར་འཁྲིགས།།
མི་ཡི་རྣམ་དཔྱོད་སྒེར་དོན་ནག་ནོ ག་གིས།།
ཡོངས་སུ་ཁེངས་དེ་རང་གཞན་ཕོངས་ བར་བྱེད།།
ཆོས་དང་ཆབ་སྲིད་བསྲེ་བའི་ཆོས་ཀྱ ང་ཕོངས།།
དེ་འདྲའི་གནས་སུ་ཁྱོད་ཀྱི་ཐུགས་ བསྐྱེད་རྣོ།།
རང་ཚུགས་མི་ཤོར་གཞན་སེམས་མི་དཀྲུ གས་པའི།།
སྟོན་མཆོག་མཚུངས་མེད་ཤཱཀྱ་སེང་ གེ་དང་།།
སངས་རྒྱས་གཉིས་པ་ཨོ་རྒྱན་ཉིད་ དང་མཚུངས།།
སྟོན་དང་བསྟན་པའི་སྙིང་དོན་མ་ལུ ས་པའི།།
བཀའ་དང་དགོངས་པའི་གནད་གསེང་ལོན་ པ་ལ།།
ཁྱེད་མཆོག་གྱུར་པའི་མཛད་རྗེས་ཤི ན་ཏུ་བརྟན།།
དེ་འདྲའི་ཐུགས་བསྐྱེད་གོ་ཆ་འབར་ གྱུར་ཅིག།
མདོར་ན་སྐྱེ་བའི་ཚེ་རབས་ཐམས་ཅད་ དུ།།
ཕ་གཅིག་བླ་མས་དག་དང་མ་དག་སུ།།
བརྩེ་བའི་མཛད་པའི་ཆ་ཤས་ཅི་སྣང་ ཡང་།།
སླད་མར་ཁྱེད་ཀྱི་འཁོར་དུ་སྐྱེ་ བར་ཤོག།

བསྐྱར་བཅོས་བྱས།
🏻ཧོར་བྷས་༡༧༴༡༡༴ ༨ཉིན་གང་ཤར་བྲིས།།
No comments:
Post a Comment