བརྩམས་སྒྲུང་ཚན་པ་ལྔ་པ།༽
ཉིན་ཞིག་གི་དགོང་མོར་ཕ་དཔལ་རྒྱལ་ད་གཟོད་དྲན་སོས་པ་བཞིན། རང་དགོན་གྱི་བླ་མ་དབང་རྒྱལ་མདུན་ནས་མོ་ཞིག་འདེབས་དགོས་པའི་བསམ་བློ་བརྙེད་པ་རེད།
བླ་མ་དབང་རྒྱལ་ནི་མོ་རྩིས་སོགས་ལ་ཕུལ་བྱུང་གི་འགྲེས་སོང་ཞིག་དང་། གཞན་ཕན་དང་བྱམས་བརྩེ་ཅན་ཞིག་ཡིན་པས་ཡུལ་ལུང་འདིར་ཕན་ཐོག་ཧ་ཅང་ཆེན་པོ་ཡོད།
ཕྱིར་ཉིན་ཞོགས་པར་རྒན་པོས་ཁ་བཏགས་ཤིག་དང་མཉམ་དུ་བླ་མ་ལ་འབུལ་རྒྱུ་མི་ཉུང་བ་རེ་ཁྱེར་ཏེ་སྐུ་དྲུང་དུ་བཅར།
གུས་ཕྱག་དང་བཅས་ཁམས་བདེ་འཚམས་འདྲི་ཞིག་བྱས་རྗེས་རྒན་པོའི་ཡིད་སྐྱོ་བའི་ངག་གིས་ཉེ་ཆར་རང་གི་བུ་རྡོ་རྗེ་གར་སོང་ཆ་མེད་དུ་སོང་བའི་གནས་ཚུལ་རྣམས་ཞུས་ཤིང་། བུ་ལ་སྲོག་སྐྱོན་ཡོད་མེད་སོགས་ལ་ཕྱག་མོ་ཞིག་འདེབས་པར་གསོལ་བ་བཏབས་པས།
བླ་མ་དབང་རྒྱལ་གྱིས་ཞི་དུལ་ལྡན་པའི་སྤྱོད་ཚུལ་དང་ཞལ་རས་ནས་ནམ་ཡང་ཡལ་དུ་<མེད་པའི་དགྱེས་འཛུམ་སྤྲོ་བཞིན་སྤྱན་གཉིས་ནམ་མཁར་གཟིགས་ཏེ། ཙཱན་དན་གྱི་ཕྲེང་བ་འདྲེན་མཚམས་བཞག་སྟེ་ཅུང་ཟད་བཞུགས་རྗེས། སྣུམ་ལ་ཟད་པའི་ཕྲེང་རྡོག་གསུམ་རེ་ཡར་མར་ལན་གསུམ་བཅད་དེ་བཞིན་རས་ནས་འཛུམ་ཞིག་སྟོན་གྱིན།
ཁྱོད་ཀྱི་བུ་འཚམས་ཐག་ཆོད་འདུག་ཅེས་ཡིད་ཆེས་དང་བཅས་གསུངས་ཤིང་། དུས་རྒྱུན་ཁོས་ལས་དོན་ཅི་ཞིག་གཉེར་གྱིན་ཡོད་ཅེས་དྲིས།
རྒན་པོ་དཔལ་རྒྱལ་གྱིས་སྔོན་ཆད་རྡོ་རྗེས་ཡུལ་ཕྱོགས་འདིར་སྦྲག་ཁང་གི་ནང་དུ་ལས་ཀ་ཕྲན་བུ་བྱེད་ཀྱིན་ཡོད་ལ། རྗེས་སུ་ལས་གནས་བསྐོ་བཞག་སྤོས་རྗེས་རྫོང་གི་ཉིན་རེའི་ཚགས་པར་འགྲེམ་སྤེལ་ཁང་དུ་ཡོད་ལུགས་སོགས་ཞིབ་པར་ཞུས།
བླ་མས་ཐུགས་ཐག་ཆོད་པོའི་ངང་ཁྱེད་ཀྱི་བུ་རྡོ་རྗེ་གསོན་པོ་ཡོད་པ་ཁག་ཐེག་ཡིན་པས་སེམས་འཁྲལ་མི་དགོས་ཞེས་གསུངས་པ་མ་ཟད། འདོན་བཅའ་ཆུང་ཚག་རེ་ཡང་གྱིས་ཤིགས་བཅས་བསྐུལ།
རྒན་པོས་ཡང་བསྐྱར། བླ་མའི་ཐུགས་རྗེས་གཟིགས། ངའི་བུ་དང་ནང་མི་ཡོངས་ལ་བླ་མ་ཁྱེད་ཀྱིས་ཐུགས་གཏད་སྐྱབས་འཇུག་མཁྱེན། ཞུས་ཏེ་ཕྱིར་རང་གནས་སུ་ལོག
བླ་མའི་གསུངས་དེས་རྒན་པོའི་གཟའ་ཟླ་དང་བུ་མོ་རྣམས་ལ་སྔར་མེད་ཀྱི་སེམས་གསོ་ཞིག་ཐེབས་པ་དང་། ནང་མི་གསུམ་པོའི་གདོང་ལ་འཛུམ་མདངས་ཕྲན་བུ་ཡང་མངོན་གྱི་འདུག་གོ།།
མུ་འཐུད་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འགོད་རྒྱུ་ཡིན

No comments:
Post a Comment